雪域星辉
桑杰才让&三智才让
0:00
0:00
桑杰才让&三智才让《雪域星辉》MP3下载
桑杰才让&三智才让《雪域星辉》歌词
雪域星辉
ནམ་མཁའི་དབྱིངས་ནས་སྐར་ཆེན་འགའ་ཞིག་ས་ལ་བབས་པས་ས་ཡི་དབུས་ནས་འོད་ཟེར་སྣ་ལྔ་གངས་རིའི་རྩེ་ལ་འཕྲོས་སོང་།
གངས་རིའི་རྩེ་ནས་ཁ་བའི་མེ་ཏོག་མཁའ་ལ་འཕུར་དུས་ནམ་མཁའི་སྐར་མའི་ཚོགས་ལ་ཚེ་དང་སྲོག་གི་དངོས་གྲུབ་ཐོབ་སོང་།
རི་ཆེན་རྩེ་ནས་སྐར་མའི་འོད་ཟེར་ཁ་བ་ཅན་ལ་འཕྲོས་པས་བོད་ཀྱི་ཡུལ་དུ་གླུ་དང་གར་གྱི་བསྟན་པ་དར་སོང་།
གཤོག་རྩལ་རྒྱས་པའི་སྐར་མ་འོད་ཆེན་གཡང་ཁྱིམ་གཅིག་ཏུ་འཛོམས་ནས་ངག་དབང་དབྱངས་ཅན་ལྷ་མོ་གར་སྟེགས་སྟེང་དུ་བསུས་བྱུང་།
ཨ། ནམ་མཁའི་དབྱིངས་ཀྱི་སྐར་མ།
ཨ། ས་ཆེན་སྟེང་གི་སྐར་མ།
ཨ། གངས་རིའི་རྩེ་ཡི་སྐར་མ།
ཨ། རི་རབ་རྩེ་ཡི་སྐར་མ།
ང་ཚོ་ཚང་མ་སྐར་མ་འོད་ཆེན་ཡིན།
ང་ཚོའི་མིང་ལ་གངས་རིའི་སྐར་རྒྱན་ཟེར།
ང་ནི་ཤར་ནས་ཤར་བའི་སྐར་མ་འོད་ཆེན་ཡིན་ང་ཡི་མིང་ལ་སྐར་མ་རྀ་ཥི་ཟེར།
ང་ནི་ལྷོ་ན་གནས་པའི་སྐར་མ་འོད་ཆེན་ཡིན་ང་ཡི་མིང་ལ་སྨིན་དྲུག་ཁྲ་མོ་ཟེར།
ང་ནི་ནུབ་ནས་འཚེར་བའི་སྐར་མ་འོད་ཆེན་ཡིན་ང་ཡི་མིང་ལ་སྐར་མ་སྨིན་བདུན་ཟེར།
ང་ནི་བྱང་ནས་འོང་བའི་སྐར་མ་འོད་ཆེན་ཡིན་ང་ཡི་མིང་ལ་བྱང་སྐར་ཨ་བརྟན་ཟེར།
ཨ། ང་ཚོ་ཚང་མ་གནམ་ནས་འོང་བའི་སྐར་མ་འོད་ཆེན་ཡིན།
ང་ཚོའི་མིང་ལ་གངས་རིའི་སྐར་རྒྱན་ཟེར།
ཨ། ང་ཚོ་་ཚང་མ་ས་ལ་བབས་པའི་སྐར་མ་འོད་ཆེན་ཡིན།
ང་ཚོ་ཚང་མ་གངས་རིའི་སྐར་རྒྱན་ཡིན།
ཨ། ནམ་མཁའི་དབྱིངས་ཀྱི་སྐར་མ།
ཨ། ས་ཆེན་སྟེང་གི་སྐར་མ།
ཨ། གངས་རིའི་རྩེ་ཡི་སྐར་མ། །
ཨ། རི་རབ་རྩེ་ཡི་སྐར་མ།
ང་ཚོ་ཚང་མ་སྐར་མ་འོད་ཆེན་ཡིན།
ང་ཚོའི་མིང་ལ་གངས་རིའི་སྐར་རྒྱན་ཟེར།
ང་ཚོའི་ལུས་ལ་ཡོད་པའི་འོད་ཟེར་གྱིས།
གངས་ལྗོངས་ཡུལ་ལ་གླུ་དང་གར་གྱི་སྐྱ་རེངས་བསུ།
ང་ཚོའི་སེམས་ལ་ཡོད་པའི་འོད་ཟེར་གྱིས།
ཁ་བ་ཅན་ལ་བྱམས་དང་བརྩེ་བའི་ཉི་ཟེར་འདྲེན།
ང་ནི་ཤར་ནས་ཤར་བའི་སྐར་མ་འོད་ཆེན་ཡིན་ང་ཡི་མིང་ལ་ཐོ་རེངས་སྐར་ཆེན་ཟེར།